༈ བདེན་པ་གཉིས་ན་དོན་དམ་པ་དང་ཀུན་རྫོབ་བདེན་པ་གཉིས་སོ། །དངོས་གྲུབ་བརྒྱད་ནི། རལ་ གྲི་རི་ལུ་མིག་སྨན་རྐང་མགྱོགས་དང། །མི་སྣང་བཅུད་ལེན་མཁའ་སྤྱོད་ས་འོག་བརྒྱད། །ཅེས་པ་ལྟར་རོ། །དབང་ཕྱུག་བརྒྱད་ནི། སྐུ་གསུང་ཐུགས་དང་རྫུ་འཕྲུལ་ཀུན་འགྲོ་དང། །ཅི་འདོད་བསྐྱེད་དང་ཡོན་ཏན་དབང་ཕྱུག་ བརྒྱད། །ཅེས་པ་ལྟར་རོ།།